[159B]ཨཱརྱ་པརྞྞ་ཤ་བ་རི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ཞེས་བྱ་བའི་ གཟུངས། འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་།བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ [160A]༄༅། །དང་ལྡན་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་ཐོབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་མིའུ་ཐུང་ ཤ་ཟ་མོ་རི་ཁྲོད་ལོ་མ་གྱོན་མ་དགྲ་སྟ་དང། ཞགས་པ་འཛིན་མ་ཁྱོད་ལ་ཕྱག་འཚལ་ལོ། །འཇིགས་པ་གང་དག་ཅི་བྱུང་བ་དེ་དག་ཐམས་ཅད་དང། ཡམས་ཀྱི་ནད་གང་དག་ ཅི་ཡང་རུང་བ་དང། འཆི་བྱེད་གང་དག་ཅི་ཡང་རུང་བ་དང་འཆི་བྱེད་ཆེན་པོ་གང་དག་ཅི་ཡང་རུང་བ་དང། གནོད་པ་གང་དག་ཅི་ཡང་རུང་བ་དང། འཁྲུག་པ་གང་དག་ཅི་ཡང་ རུང་བ་དང། ཁོང་དུ་གནོད་པ་གང་དག་ཅི་ཡང་རུང་བ་དང་གང་དག་ཅི་བྱུང་བ་དེ་དག་ཐམས་ཅད་ནི། བྱིས་པ་ཁོ་ན་ལ་འབྱུང་གི་མཁས་པ་ལ་ནི་མ་ཡིན་ནོ། །བདེན་པ་དང་ བདེན་པའི་ཚིག་དང། བདེན་པའི་ངག་གིས་སོང་ཞིག་དེངས་ཤིག་།མཁས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་འདི་དག་གིས་བདག་དང། སེམས་ཅན་ ཐམས་ཅད་ལ་སྲུང་བར་མཛོད་ཅིག་ཡོངས་སུ་བསྐྱབ་པར་མཛོད་ཅིག་།ཡོངས་སུ་གཟུང་བར་མཛོད་ཅིག་ཡོངས་སུ་བསྐྱང་བར་མཛོད་ཅིག་།ཞི་བ་དང་བདེ་ལེགས་སུ་མཛོད་ ཅིག་ཆད་པ་སྤང་བར་མཛོད་ཅིག་མཚོན་ཆ་སྤང་བར་མཛོད་ཅིག་།ཇི་སྲིད་དུ་དུག་གཞོམ་པའི་བར་དུ་མཛོད་ཅིག་མེའི་གནོད་པ་སྤང་བར་མཛོད་ཅིག་ཆུའི་གནོད་པ་སྤང་ [160B]བྱད་སྟེམས་གཅད་པར་མཛོད་ཅིག་མཚམས་བཅིང་བར་མཛོད་ཅིག་ས་གཞི་བཅིང་བར་མཛོད་ཅིག་ཏདྱ་ཐཱ། ཨ་མྲྀ་ཏེ་ཨ་མྲྀ་ཏེ། ཨ་མྲྀ་ཏ་ཨུདྦྷ་བེ། ཨ་མྲྀ་ཏ་སཾ་ བྷ་བེ༑ ཨཱ་ཤསྟེ། ཨཱ་ཤསྟཾ་གེ། མཱ་མ་ར་མཱ་མ་ར། མཱ་ས་ར་མཱ་ས་ར། ཞི་བར་མཛོད། ནད་ཐམས་ཅད་ཉེ་བར་ཞི་བར་མཛོད་དུས་མ་ཡིན་པར་འཆི་བ་ཐམས་ཅད་ཉེ་བར་ཞི་བར་ མཛོད། གཟའ་དང་རྒྱུ་སྐར་གྱི་ཉེས་པ་ཐམས་ཅད་ཉེ་བར་ཞི་བར་མཛོད། འཆི་བའི་དུག་ཐམས་ཅད་ཉེ་བར་ཞི་བར་མཛོད། བཅོམ་ལྡན་འདས་མ་རི་ཁྲོད་ལོ་མ་ཅན། ཏུནྣ་ཏུནྣ། བི་ ཏུནྣ་བི་ཏུནྣ། ཏུ་ཎ་ཏུ་ཎ། ཏུ་མུ་ལ་སཱཧཱ། ཨོཾ་གཽ་རི། གནྡྷ་རི། ཙཎྜཱ་ལི། མཱ་ཏཾ་གི། བུཀྐ་སི་སཱཧཱ། ཨོཾ་ཨཾ་ཀུ་རེ། མཾ་ཀུ་རེ། ཀུ་ར་རེ། པརྞྞ་ཤ་བ་རི་སཱཧཱ། ན་མཿ་སརྦ་ཤ་བ་རཱི་ཎཱཾ། མཧཱ་ ཤ་བ་རཱི་ཎཱཾ། བྷ་ག་བ་ཏི་པི་ཤཱ་ཙི། པརྞྞ་ཤ་བ་རི་པི་ཤཱ་ཙི་སཱཧཱ། ཨོཾ་པི་ཤཱ་ཙི་པརྞྞ་ཤ་བ་རི་ཧྲཱི་ཛཿ་ཧཱུཾ་ཕཊ་པི་ཤཱ་ཙི་སཱཧཱ། འཕགས་མ་རི་ཁྲོད་མ་ལོ་མ་གྱོན་མའི་གཟུངས་རྫོགས་སོ།། །།